བརྙན།

ཀ་ལུ་རིན་པོ་ཆེ་མཆོག་གི་སྐུ་ཚེ་ལོ་རྒྱུས་དང་སྐུ་གོང་མའི་མཛད་པ་སོགས་ཀྱི་ཐད་གླེང་མོལ་ཞུས་པ།

2023-11-23

དགུང་ལོ་ ༣༣ ལ་ཕེབས་པ་ཀ་ལུ་རིན་པོ་ཆེ་མཆོག་ནི་སྒྲུབ་བརྒྱུད་ཤངས་པ་བཀའ་བརྒྱུད་ཀྱི་བསྟན་བདག་ཡིན་ཞིང་། ནང་པ་སངས་རྒྱས་པའི་ཆོས་ལུགས་སྤྱི་དང་ལྷག་པར་དུ་མཁའ་འགྲོ་མ་ནི་གུ་མའི་གདམས་ངག་ལས་རྒྱུད་པའི་ལུས་སེམས་རྣལ་འབྱོར་རམ་ནི་གུ་ཆོས་དྲུག་གི་ཡོ་གྷ་ཉམས་བཞེས་ཐོག་འཛམ་གླིང་ས་ཕྱོགས་གང་སར་རྒྱུད་སྤེལ་ཆེན་པོ་གནང་མཁན་ཡོངས་གྲགས་ཆེ་བའི་བོད་ཀྱི་བླ་ཆེན་དགུང་ལོ་གཞོན་གྲས་ཤིག་ཡིན་པ་རེད། རིན་པོ་ཆེ་མཆོག་གི་སྐུ་ཚེའི་ལོ་རྒྱུས་དང་སྐྱབས་རྗེ་ཀ་ལུ་རིན་པོ་ཆེ་སྐུ་གོང་མའི་མཛད་པ་རྣམ་ཐར་བདག་གིར་བཞེས་ཕྱོགས། ལྷག་པར་དུ་ནི་གུ་ཆོས་དྲུག་ཉམས་ལེན་བྱེད་ཕྱོགས་སོགས་དང་འབྲེལ་བའི་སྐོར་བཞུགས་སྒར་རྡ་རམ་ས་ལ་ནས་ཀ་ལུ་རིན་པོ་ཆེ་མཆོག་དང་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་གྱི་འགན་འཛིན་སྐལ་ལྡན་བློ་གྲོས་ལགས་དབར་གླེང་མོལ་ཞུས་པ་དེ་གསན་གཟིགས་གནང་རོགས་གནང་། Lengmol: H.E. Kalu Rinpoche,33, the head of the Shangpa Kagyu lineage, is one of the youngest and best-known Tibetan high lamas, who preaches the “Six Yogas of Niguma - Dakini Yoga”, the yoga of mind and body around the world. In conversation with 2nd Kalu Rinpoche about his life and following the path of previous Kalu Rinpoche. Host: Kalden Lodoe, Service Director Producer:Tenzin Lekmon